དགའ་ཞིང་གུས་པའི་ཁྱིམ་བདག་རྣམ་པ་དང་ན་གཞོན་གྲོགས་པོ་རྣམ་པ།
ལོ་གཅིག་ལ་གོ་སྐབས་ཐེངས་གཅིག་ལས་མེད་པའི་དམག་མི་བསྡུ་བའི་ལས་ཀ་འགོ་ཚུགས་སོང་པས།རྒྱ་ཆེའི་གཞོན་ནུ་གྲོགས་པོ་རྣམས་ནས་རྒྱ་ཡོངས་དམག་བསྡུ་དྲ་ཚིགས་ཐོག་ནས་དམག་མིར་འགྲོ་བའི་ཐོ་འགོད་བྱེད་པའམ་ཡང་ན་ས་ཆ་་འདི་གའི་མི་དམངས་དྲག་ཆས་པུའུ་རུ་དམག་མིར་འགྲོ་རྒྱུའི་ཐོ་འགོད་བྱ་རྒྱུར་དགའ་བསུ་ཞུ། ཁྲིམས་ལྟར་དམག་སྐུལ་དང་ལེན་བྱེད་རྒྱུ་ནི་སྤྱི་དམངས་ཚང་མས་ངེས་དགོས་པའི་འགན་འཁྲི་དང་འོས་འགན་ཡིན། ལོ18ནས་22བར་གྱི་སྐྱེས་པ་གཟུགས་ཚད་ལིའི་རྨིད་160ཡན་ཆེད་བུད་མེད་གཟུགས་ཚད་ལིའི་རྨིད་158ཡན་ལོན་པ། མིག་གཡས་པའི་མིག་ཤེད་4.6དང་མིག་གཡོན་པའི་མིག་ཤེད་4.5ལོན་པའི་གཟུགས་པོ་བདེ་ཐང་གི་ཕོ་མོ་ཚང་མ་དམག་མིར་ཞུགས་རྒྱུའི་ཐོ་འགོད་བྱས་ཆོགདེའི་ནང་མཐོ་རིམ་སློབ་ཐོན་སློབ་མ་ཡིན་ཚེ་ལོ་༢༤ཡིན་པ་ཐོ་འགོད་ཆོག་པ་དང་མཐོ་འབྲིང
སློབ་མ་ཡིན་ཚེ་༡༧ཡིན་པ་ཐོ་འགོད་ཆོག་པའི་སྲིད་ཇུས་ལྷུག་གཏོང་བྱས་ཡོད།
ད་ལོ་ས་ཁུལ་སྔར་བཞིན་ཕྱོགས་ཡོངས་ནས་བཏང་སྙོམས་དང་ཡོངས་བསྒྲགས་ཀྱི་ཐོག་ནས་དམགས་མི་སྡུ་རྒྱུ་ཡིན། ཟླ་8་ཚེ་5སྔོན་དུ་དྲ་ཐོག་ཐོ་འགོད་བྱས་ཏེ།ཟླ་བརྒྱད་པའི་ཟླ་དཀྱིལ་དུ་གཟུགས་པོ་བརྟགས་དཔྱད་དང་ཆབས་སྲིད་དཔྱད་ཞིབ་བྱེད་རྒྱུ་ཡིན།ཟླ་8པའི་ཟླ་མཇུག་ཏུ་བསྐྱར་དཔྱད་དང་དམག་ཞུགས་གཏན་འཁེལ་བྱས་ཏེ་དམག་སར་དམག་དཔུང་ལ་འཛུལ་བའི་བཀའ་རྒྱའི་ཚོགས་ཆེན་ཚོགས་རྒྱུ་མ་ཟད་དམག་ཞབས་ཀྱི་འགྲོ་ལུགས་སྒྲུབ་རྒྱུ་ཡིན། མི་གཅིག་དམག་མིར་ཞུགས་ན་ཁྱིམ་ཚང་ཡོངས་ཀྱི་གཟི་བརྗིད་ཡིན།ཐེངས་གཅིག་དམག་ཞབས་བྱས་ན་མི་ཚེ་གཅིག་ལ་ཕན་ པ་ཐོབ་ཟེར་བ་ལྟར་འོས་འགན་་་་་་དམག་ཞབས་ཞུགས་པའི་རིང་དམག་མིའིི་ཁྱིམ་ཚང་ལྟ་སྐྱོང་བྱེད་ཀྱི་ཡོད། དམག་ཞབས་པའི་ཁྱིམ་ཚང་ལ་ལྟ་རྟོག་ཡག་པོ་ཡོང་ཕྱིར་རང་སྐྱོང་ལྗོངས་ནས་གཟིགས་སྐྱོང་ཁ་གསབ་ཀྱི་ལམ་ལུགས་ལག་བསྟར་དང་འོ་འགན་དམག་མི་དམག་ཞབས་བྱས་པའི་རིང་གཅིག་གྱུར་དུ་དམག་ཞབས་པའི་གཟིགས་སྐྱོང་ལོ་གཉིས་ལ་སྒོར་24000ཚད་གཞི་ལྟར་དམག་མིའི་ཁྱིམ་ཚང་ལ་སྤྲད་རྒྱུ་ཡིན་ལ་ལོ་གཉིས་ཀྱི་འོས་འགན་དམག་ཞབས་མཇུག་སྒྲིལ་རྗེས། སོ་སོ་རང་གི་ལས་ཀ་བཙལ་ཚེ་ཐེངས་གཅིག་ལ་སྒོར་50000རོགས་དངུལ་སྤྲོད་རྒྱུ་ཡིན། འོས་འགན་དམག་ཞབས་ལས་མཇུག་སྒྲིལ་རྗེས་མུ་མཐུད་དམག་མི་དངོས་ཞབས་པ་ལོ་ག་ཚོད་བྱས་ཀྱང་ལོ་རེར་སྒོར་10000སྣོན་རྒྱུ་དང་། དམག་ཞབས་ལོ་11ཡན་ཆད་བྱས་ཚེ་ཐེངས་གཅིག་ལ་སྒོར་140000སྤྲོད་རྒྱུ་ཡིན།
ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུ་ནི་དམག་དཔུང་སྟོབ་ཆེར་གཏོང་བའི་རླབས་ཆེན་་བྱ་གཞག་འཛུགས་སྐྱོང་བྱེད་པའི་རྩ་བ ་ཡིན་པས།སློབ་ཆེན་སློབ་མ་དམག་ཞུགས་བྱེད་རྒྱུར་སྐུལ་ལྕག་ཐུབ་ཕྱིར་རྒྱལ་ཁབ་དམག་དཔུང་དང་ས་གནས་ཁག་ནས་སློབ་ ཆེན་སློབ་མར་སྔོན་ལ་ཐོ་འགོད་དང་གཟུགས་པོ་བརྟག་དཔྱད།དཔྱད་ཞིབ་གཏན་འབེབས་བཅས་བྱེད་རྒྱུའི་གཟིགས་སྐྱོང་སྲིད་ཇུས་ལྷུག་གཏོང་བྱས་ཏེ།ཚད་ལོན་པ་ཚང་མ་དམག་ཞུགས་ཐུབ་པ་བྱས་ཡོད་པ་མ་ཟད་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དམག་མི་བྱེད་རིང་སློབ་གྲྭའི་སྐྱིད་སྡུག་གམ་ཐོབ་ཐང་ཉར་འཇོག་བྱས་ཏེ་དམག་ཞབས་མཇུག་སྒྲིལ་རྗེས་མུ་མཐུད་སློབ་ གྲྭ་འགྲོ་ཆོག་པའི་སྲིད་ཇུས་ལྷུག་གཏོང་བྱས་ཡོད།དམག་ཞབས་ཚར་རྗེས་ཀྱི་ལོ་གཉིས་ནང་དུ་བསྐྱར་དུ་སློབ་གྲྭ་འགྲོ་ཆོག་པ་མ་ཟད་དམག་སྦྱོང་བྱེད་མི་དགོས་པའི་ཁར་དངོས་གཞི་དང་ཆད་ཚན་སློབ་མ་ཡིན་ན་སྒོར་8000གི་སློབ་ཡོན་རོགས་དངུལ་སྤྲོད་པ་དང་ཞིབ་འཇུག་སློབ་མ་ཡིན་ཚེ་མི་རེ་སྒོར་12000གོ་སློབ་ཡོན་རོགས་དངུལ་སྤྲོད་ཀྱི་ཡོད། དམག་མི་ཞུགས་རྗེས་ཐད་ཀར་དམག་དཔོན་དུ་འཕར་ཚེ་བསྐྱར་དུ་སློབ་གྲྭ་ལོག་ཚེ་ཆེད་ལས་སྙོམ་སྒྲིགས་བྱེད་ཆོག་པའི་སྲིད ་ཇུས་ལྷུག་གཏོང་བྱས་ཡོད། རང་སྐྱོང་ལྗོངས་ནས་ལོ་ལྟར་གཞི་རིམ་མི་སྣ་བེད་སྤྱོད་ཀྱི་དགོས་མཁོ་ལྟར་འོ་འཚམས་ཀྱི་དུས་ཚོད་ནང་ཐེམ་ཐོ་བོད་ནས་ཡིན་པའི་དམག་མི་ཁོངས་ནས་ཕྱིར་འཐེན་བྱས་པའི་དམག་མིའི་ནང་ནས་ཡོངས་བསྒྲགས་ཡིག་རྒྱུག་གཏོང་བ་རྒྱུད་ནས་ཞུང་ཞབསལས་མི་སྡུ་རྒྱུ་ཡིན། ན་གཞོན་ལ་སྙིང་རུས་ཡོད་ན་དམག་དཔུང་ནས་དཔའ་རྩལ་ངོམ་དགོས་ལ་ཕོ་རབ་ལ་སེམས་ཤུགས་ཡོད་ན་རྒྱལ་སྲུང་གི་དམ་བཅའ་འཇོག་དགོས། དེར་རྟེན།གཞོན་ནུ་གྲོགས་པོ་ཚོས་སྙིང་སྟོབས་ཆེན་པོས་ལྟ་བ་མིག་གི་མི་བཟོད་པའི་ལྗངས་མདོག་གི་དམག་དཔུང་ནང་ཞུགས་ནས་གཟི་བརྗིད་འོད་སྟོང་འབར་བའི་དམ་དཔུང་གི་འཚོ་བར་སྨྱོང་རོལ་བྱས་ཏེ་དམག་དོན་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་འཛུགས་རྒྱུའི་རླབས་ཆེན་ཕུགས་འདུན་མངོན་འགྱུར་ཡོང་ཕྱིར་རང་ཉིད་ཀྱི་ལང་མཚོའི་གཟི་བྱིན་ལེགས་སྐྱེས་འབུལ་དགོས།
མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་དམག་སྡུ་
གཞུང་ལས་ཁང་ནས། བསྒྲགས།
上一篇:
阿里地区做好民族团结进步创建工作下一篇:
阿里地区开展脱贫攻坚知识专题讲座