各乡镇、县直单位及广大牧民群众:
夏季是容易打雷的季节,特别是我县范围内每年都发生不同程度的人畜伤亡事件,现有关事项提醒如下:
一、各乡镇、县直单位高度重视防雷安全工作,经常提醒和教育广大牧民群众,提高群众防雷安全意识。
二、打雷是夏季乌云密布且伴有冰雹等天气时可能引发自然灾害的一种现象,务必注意;在暴雨、打雷天气时减少外出;放牧人遇到乌云密布且即将出现雷电天气时,先注意自身安全,及时关掉手机、丢弃随身金属物品;不穿红色等鲜艳衣服;严禁爬到山顶,孤立的山岩等易遭雷击的地方,做好防“雷”避险。
མཚོ་ཆེན་རྫོང་འཕྲལ་སྡོམ་དོ་དམ་ཅུད་ཀྱི་ཐོག་འགོག་ལས་གནོད་འཚེར་ཡིད་ཟབ་བྱེད་དགོས་པའི་བདེ་འཇག་དྲན་སྐུལ་བརྡ་ཐོ་
ཤང་གྲོང་ཁག་དང་རྫོང་ཐད་གཏོགས་ཚན་པ་ཁག་དེ་བཞིན་རྒྱ་ཆེའི་མང་ཚོགས་རྣམས་ལ།
དབྱར་དུས་ནི་“ཐོག་”རྒྱག་སླ་བའི་དུས་ཚིགས་ཞིག་ཡིན་ལ་ལྷག་པར་དུ་རང་རྫོང་ཁོངས་སུ་ལོ་ལྟར་“ཐོག་”བརྒྱབ་ནས་མི་ཕྱུག་ཤི་སྨས་བྱུང་བའི་རང་བྱུང་གནོད་འཚེ་ཐོན་སླ་བས་བདེ་འཇག་སྔོན་འགོག་བྱ་རྒྱུའི་དྲན་སྐུལ་གཤམ་གསལ།
གཅིག། ཤང་གྲོང་ཁག་དང་རྫོང་ཐད་གཏོགས་ཚན་པ་ཁག་ནས་“ཐོག་”འགོག་ལས་ཀར་མཐོང་ཆེན་བྱས་ནས་དུས་རྒྱུན་དུ་རྒྱ་ཆེའི་མང་ཚོགས་རྣམས་ལ་དྲན་སྐུལ་བྱེད་པ་དང་སློབ་གསོ་གང་མང་གཏོང་རྒྱུ།
གཉིས། “ཐོག་”བརྒྱབ་པ་ཞེས་པ་ནི་དབྱར་དུས་སྤྲིན་ནག་འཁོར་ནས་སེར་བ་འབབ་པ་དང་གློག་དམར་འཁྱུག་སྐབས་ཐོན་སྲིད་པའི་རང་བྱུང་གནོད་འཚེ་ཞིག་ཡིན་པས་ངེས་པར་དུ་ཡིད་གཟབ་བྱས་ཏེ་དྲགས་ཆར་ཆེན་པོ་འབབ་པ་དང་གློག་དམར་འཁྱུག་པའི་གནམ་གཤིས་སྐབས་ཕྱིར་ཐོན་བྱེད་ཚད་ཉུང་དུ་གཏོང་རྒྱུ་དང་ལུག་རྫི་བ་ཚོས་སྤྲིན་ནག་འཁོར་བ་དང་གློག་དམར་འཁྱུག་པའི་གནམ་གཤིས་མ་ཐོན་སྔོན་ལ་རང་ཉིད་ཀྱི་བདེ་འཇག་ལ་ཡིད་གཟབ་བྱས་ནས །ལག་ཐོག་ཁ་པར་ཁ་བརྒྱབ་པ་དང་ལུས་ཐོག་ཏུ་ཡོད་པའི་ལྕགས་རིགས་མྱུར་དུ་འབོར་རྒྱུ། ཚོས་གཞི་དམར་པོ་སོགས་སྐྲག་མདངས་ཆེ་བའི་གྱོན་ཆས་གྱོན་རྒྱུ་མེད་པ། བྲག་ཟུར་དང་རི་རྩེར་འགྲོ་རྒྱུ་མེད་པ་སོགས་བདེ་འཇག་ལ་དོ་སྣང་བྱས་ཏེ་“ཐོག་”འགོག་ཉེན་གཡོལ་གང་ལེགས་བྱེད་དགོས།